Noble Tara in front of Rongwu monastery, Rebkong

Tara or Jetsun Dolma in Tibetan (རྗེ་བཙུན་སྒྲོལ་མ) is a female Bodhisattva, or embodying compassion in the female form of a young goddess. Her practice is very common both in Buddhism and Hindu religion.

༄༅། །ཕྱག་འཚལ་ཉེར་གཅིག་གིས་བསྟོད་པ། །

༄༅། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།།

ཕྱག་འཚལ་ཏཱ་རེ་མྱུར་མ་དཔའ་མོ།།
ཏུཏྟཱ་རེ་ཡིས་འཇིགས་པ་སེལ་མ།།
ཏུ་རེས་དོན་ཀུན་སྦྱིན་པས་སྒྲོལ་མ།།
སྭཱ་ཧཱའི་ཡི་གེ་ཁྱོད་ལ་འདུད་དོ།།

ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།།
སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།།
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།།
གེ་སར་བྱེ་བ་ལས་ནི་བྱུང་མ།།

ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ།།
གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ།།
སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།།
རབ་ཏུ་ཕྱེ་བའི་འོད་རབ་འབར་མ།།

ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི།།
པདྨས་ཕྱག་ནི་རྣམ་པར་བརྒྱན་མ།།
སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།།
བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ།།

ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།།
མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ།།
མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།།
རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ།།

ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེ།།
འདོད་དང་ཕྱོགས་དང་ནམ་མཁའ་གང་མ།།
འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།།
ལུས་པ་མེད་པར་འགུགས་པར་ནུས་མ།།

ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚོངས་པ།།
རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ།།
འབྱུང་པོ་རོ་ལངས་དྲི་ཟ་རྣམས་དོང།།
གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ།།

ཕྱག་འཚལ་ཏྲད་ཅེས་བྱ་དང་པཊ་ཀྱིས།།
ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ།།
གཡས་བརྐྱང་གཡོན་བསྐུམ་ཞབས་ཀྱིས་མནན་ཏེ།།
མེ་འབར་འཁྲུག་པ་ཤིན་ཏུ་འབར་མ།།

ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོས།།
བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།།
ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྟན་མཛད།།
དགྲ་བོ་ཐམས་ཅད་མ་ལུས་གསོད་མ།།

ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི།།
སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ།།
མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི།།
རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ།།

ཕྱག་འཚལ་རབ་ཏུ་དགའ་བས་བརྗིད་པའི།།
དབུ་རྒྱན་འོད་ཀྱི་ཕྲེང་བས་སྤེལ་མ།།
བཞད་པ་རབ་བཞད་ཏུཏྟཱ་ར་ཡིས།།
བདུད་དང་འཇིག་རྟེན་དབང་དུ་མཛད་མ།།

ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས།།
ཐམས་ཅང་འགུགས་པར་ནུས་པ་ཉིད་མ།།
ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས།།
ཕོངས་པ་ཐམས་ཅང་རྣམ་པར་སྒྲོལ་མ།།

ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན།།
བརྒྱན་པ་ཐམས་ཅང་ཤིན་ཏུ་འབར་མ།།
རལ་པའི་ཁྲོད་ནས་འོད་དཔག་མེད་ལས།།
རྟག་པར་ཤིན་ཏུ་འོད་རབ་མཛད་མ།།

ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར།།
འབར་བའི་ཕྲེང་བའི་དབུས་ན་གནས་མ།།
གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའ།།
དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།།

ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི།།
མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།།
ཁྲོ་གཉིར་ཅང་མཛད་ཡི་གེ་ཧཱུྃ་གིས།།
རིམ་པ་བདུན་པོ་རྣམས་ནི་འགེམས་མ།།

ཕྱག་འཚལ་བདེ་མ་དགེ་མ་ཞི་མ།།
མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ།།
སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས།།
སྡིག་པ་ཆེན་པོ་འཇོམས་པར་ཉིད་མ།།

ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི།།
དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ།།
ཡི་གེ་བཅུ་པའི་ངག་ནི་བཀོད་པའི།།
རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ།།

ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས།།
ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ།།
རི་རབ་མན་དཱ་ར་དང་འབིགས་བྱེད།།
འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།།

ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི།།
རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ།།
ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས།།
དུག་རྣམས་མ་ལུས་པར་ནི་སེལ་མ།།

ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ།།
ལྷ་དང་མིའམ་ཅི་ཡིས་བསྟེན་མ།།
ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས།།
རྩོད་དང་རྨི་ལམ་ངན་པ་སེལ་མ།།

ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི།།
སྤྱན་གཉིས་པོ་ལ་འོད་རབ་གསལ་མ།།
ཧ་ར་གཉིས་བརྗོད་ཏུཏྟཱ་རེ་ཡིས།།
ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ།།

ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས།།
ཞི་བའི་མཐུ་དང་ཡང་དག་ལྡན་མ།།
གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས།།
འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།།

རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང།།
ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག།

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s